rKTs


D95

(e-text produced by ADARSHA)




46-1-1b
༄#། །རྒྱ་གར་སྐད་དུ། ཨཱརྱ་ལ་ལི་ཏ་བི་སྟཱ་ར་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། །བམ་པོ་དང་པོ། སངས་རྒྱས་དང་བྱང་ ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་ སློང་ཁྲི་ཉིས་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་ལ་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་དང ། ཚེ་དང་ལྡན་པ་རྟ་ཐུལ་དང ། ཚེ་དང་ལྡན་པ་རླངས་པ་དང ། ཚེ་དང་ལྡན་པ་མིང་ཆེན་དང ། ཚེ་དང་ལྡན་པ་བཟང་ པོ་དང ། ཚེ་དང་ལྡན་པ་གྲགས་སྦྱིན་དང ། ཚེ་དང་ལྡན་པ་དྲི་མ་མེད་དང ། ཚེ་དང་ལྡན་པ་ལག་བཟངས་དང ། ཚེ་དང་ལྡན་པ་གང་པོ་དང ། ཚེ་དང་ལྡན་པ་བ་ལང་བདག་དང ། ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་ དང ། ཚེ་དང་ལྡན་པ་ཆུ་ཀླུང་འོད་སྲུང་དང ། ཚེ་དང་ལྡན་པ་ག་ཡཱ་འོད་སྲུང་དང ། ཚེ་དང་ལྡན་པ་ཤཱ་རིའི་བུ་དང ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང ། ཚེ་དང་ལྡན་པ་